Degé Kangyur volume 15, F.57.b

དོ། །​གཞན་མ་ཡིན་པ་དེ་བཞིན་ཉིད་ལ་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་མཚན་ཉིད་མྱེད་དོ། །​ཆོས་ཉིད་ལ་ཆོས་ཉིད་ཀྱི་མཚན་ཉིད་མྱེད་དོ། །​ཆོས་ཀྱི་དབྱིངས་ལ་ཆོས་ཀྱི་དབྱིངས་ཀྱི་མཚན་ཉིད་མྱེད་དོ། །​ཆོས་ཀྱི་གནས་ཉིད་ལ་ཆོས་ཀྱི་གནས་ཉིད་ཀྱི་མཚན་ཉིད་མྱེད་དོ། །​ཆོས་སྐྱོན་མྱེད་པ་ཉིད་ལ་ཆོས་སྐྱོན་མྱེད་པ་ཉིད་ཀྱི་མཚན་ཉིད་མྱེད་དོ། །​ཡང་དག་པའི་མཐའ་ལ་ཡང་དག་པའི་མཐའི་མཚན་ཉིད་མྱེད་དོ། །​མཚན་ཉིད་ལ་ཡང་མཚན་ཉིད་ཀྱི་རང་བཞིན་མྱེད་དོ། །​མཚན་ཉིད་ཀྱི་རང་བཞིན་ལ་ཡང་མཚན་ཉིད་ཀྱི་རང་བཞིན་མྱེད་དོ། །​སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ་དེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རམ། །​རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བསླབ་པ་འདི་ལ་སློབ་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་འབྱུང་བར་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ནི་འདི་ལྟར་ཆོས་ཐམས་ཅད་མ་སྐྱེས་མ་བྱུང་བའི་ཕྱིར་རོ། །​སྨྲས་པ་ཚེ་དང་ལྡན་པ་རབ་འབྱོརད་ཇི་ལྟར་ན། ཆོས་ཐམས་ཅད་མ་སྐྱེས་མ་བྱུང་བ་ཡིན། །​རབ་འབྱོརད་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་གཟུགས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །ཚོར་བ་ཚོར་བས་སྟོང་སྟེ་དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མི་དམྱིགས་སོ། །​འདུ་ཤེས་འདུ་ཤེས་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །​འདུ་བྱེད་འདུ་བྱེད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །​རྣམ་པར་ཤེས་པ་རྣམ་པར་ཤེས་པས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་མྱིག་གིས་སྟོང་སྟེ། དེ་ལ་སྐྱེ་བ་ཡང་མྱི་དམྱིགས་འབྱུང་བ་ཡང་མྱི་དམྱིགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6762#UT22084-014-001-6762