Degé Kangyur volume 15, F.50.b

ལྟ་བུ། འཕགས་པའི་བདེན་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། བསམ་གཏན་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཚད་མྱེད་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། རྣམ་པར་ཐར་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། རྣམ་པར་ཐར་བའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་རང་བཞིན་ནི་ཇི་ལྟ་བུ། མངོན་པར་ཤེས་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཏིང་ངེ་འཛིན་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། གཟུངས་ཀྱི་སྒོ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། མི་འཇིགས་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། བྱམས་པ་ཆེན་པོའི་རང་བཞིན་ནི་ཇི་ལྟ་བུ། སྙིང་རྗེ་ཆེན་པོའི་རང་བཞིན་ནི་ཇི་ལྟ་བུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་རང་བཞིན་ནི་ཇི་ལྟ་བུ། རྒྱུན་ཏུ་ཞུགས་པའི་འབྲས་བུའི་རང་བཞིན་ནི་ཇི་ལྟ་བུ། ལན་ཅིག་ཕྱིར་འོང་བའི་འབྲས་བུའི་རང་བཞིན་ནི་ཇི་ལྟ་བུ། ཕྱིར་མྱི་འོང་བའི་འབྲས་བུའི་རང་བཞིན་ནི་ཇི་ལྟ་བུ། དགྲ་བཅོམ་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། རང་བྱང་ཆུབ་ཀྱི་རང་བཞིན་ནི་ཇི་ལྟ་བུ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། དེ་བཞིན་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། མ་ནོར་བ་དེ་བཞིན་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཆོས་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཆོས་ཀྱི་གནས་ཉིད་ཀྱི་རང་བཞིན་ནི་ཇི་ལྟ་བུ། ཆོས་སྐྱོན་མེད་པའི་རང་བཞིན་ནི་ཇི་ལྟ་བུ། ཡང་དག་པའི་མཐའི་རང་བཞིན་ནི་ཇི་ལྟ་བུ། རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ཀྱི་རང་བཞིན་ནི་དངོས་པོ་མྱེད་པའོ། །​ཚོར་བའི་རང་བཞིན་ནི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6748#UT22084-014-001-6748