Degé Kangyur volume 15, F.40.a

དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མྱི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། དྲན་པ་ཉེ་བར་གཞག་པ་རྣམས་མྱེད་ཅིང་མྱི་དམྱིགས་སོ། །​ཡང་དག་པར་སྤོང་བ་རྣམས་མྱེད་ཅིང་མྱི་དམྱིགས་སོ། །​རྫུ་འཕྲུལ་གྱི་རྐང་པ་རྣམས་མྱེད་ཅིང་མྱི་དམྱིགས་སོ། །​དབང་པོ་རྣམས་མྱེད་ཅིང་མྱི་དམྱིགས་སོ། །​སྟོབས་རྣམས་མྱེད་ཅིང་མྱི་དམྱིགས་སོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་མྱེད་ཅིང་མྱི་དམིགས་སོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་མྱེད་ཅིང་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མྱེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམྱིགས་པ་སྟོང་པ་ཉིད་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་དང་། ངོ་བོ་ཉིད་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་འཕགས་པའི་བདེན་པ་རྣམས་མྱེད་ཅིང་མྱི་དམྱིགས་སོ། བསམ་གཏན་རྣམས་མྱེད་ཅིང་མྱི་དམྱིགས་སོ། །​ཚད་མྱེད་པ་རྣམས་མྱེད་ཅིང་མྱི་དམྱིགས་སོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་རྣམས་མྱེད་ཅིང་མྱི་དམྱིགས་སོ། །​རྣམ་པར་ཐར་པ་བརྒྱད་མྱེད་ཅིང་མྱི་དམྱིགས་སོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མྱེད་ཅིང་མྱི་དམྱིགས་སོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6727#UT22084-014-001-6727