Degé Kangyur volume 15, F.36.a

མྱི་འཛིན་པ་དང་། སྐྱེ་མཆེད་དྲུག་ཡོངས་སུ་མྱི་འཛིན་པ་དང་། རེག་པ་ཡོངས་སུ་མྱི་འཛིན་པ་དང་། ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། སྲེད་པ་ཡོངས་སུ་མི་འཛིན་པ་དང་། ལེན་པ་ཡོངས་སུ་མྱི་འཛིན་པ་དང་། སྲིད་པ་ཡོངས་སུ་མྱི་འཛིན་པ་དང་། སྐྱེ་བ་ཡོངས་སུ་མྱི་འཛིན་པ་དང་། རྒ་ཤི་ཡོངས་སུ་མྱི་འཛིན་པ་དང་། །​ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། །​ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བའི་སླད་དུ། ནང་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཕྱི་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆེན་པོ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། འདུས་བྱས་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། འདུས་མ་བྱས་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། དོར་བ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། རང་བཞིན་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། མྱི་དམྱིགས་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། དངོས་པོ་མྱེད་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། །​ཆོས་ཐམས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6719#UT22084-014-001-6719