Degé Kangyur volume 15, F.32.b

བ་དང་། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། །​ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། སའི་ཁམས་ཡོངས་སུ་མྱི་འཛིན་པ་དང་། ཆུའི་ཁམས་ཡོངས་སུ་མྱི་འཛིན་པ་དང་། མྱེའི་ཁམས་ཡོངས་སུ་མྱི་འཛིན་པ་དང་། རླུང་གི་ཁམས་ཡོངས་སུ་མྱི་འཛིན་པ་དང་། ནམ་མཁའི་ཁམས་ཡོངས་སུ་མྱི་འཛིན་པ་དང་། རྣམ་པར་ཤེས་པའི་ཁམས་ཡོངས་སུ་མྱི་འཛིན་པ་དང་། །​ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། མ་རིག་པ་ཡོངས་སུ་མྱི་འཛིན་པ་དང་། འདུ་བྱེད་ཡོངས་སུ་མྱི་འཛིན་པ་དང་། རྣམ་པར་ཤེས་པ་ཡོངས་སུ་མྱི་འཛིན་པ་དང་། མྱིང་དང་གཟུགས་ཡོངས་སུ་མྱི་འཛིན་པ་དང་། སྐྱེ་མཆེད་དྲུག་ཡོངས་སུ་མྱི་འཛིན་པ་དང་། རེག་པ་ཡོངས་སུ་མྱི་འཛིན་པ་དང་། ཚོར་བ་ཡོངས་སུ་མྱི་འཛིན་པ་དང་། སྲེད་པ་ཡོངས་སུ་མྱི་འཛིན་པ་དང་། ལེན་པ་ཡོངས་སུ་མྱི་འཛིན་པ་དང་། སྲིད་པ་ཡོངས་སུ་མྱི་འཛིན་པ་དང་། སྐྱེ་བ་ཡོངས་སུ་མྱི་འཛིན་པ་དང་། རྒ་ཤི་ཡོངས་སུ་མྱི་འཛིན་པ་དང་། །​ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མི་འཛིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་མྱི་འཛིན་པ་དང་། །​ཆོས་ཐམས་ཅད་ཡོངས་སུ་བཟུང་བ་མ་མཆིས་པའི་སླད་དུ། ནང་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཕྱི་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཕྱི་ནང་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། སྟོང་པ་ཉིད་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། ཆེན་པོ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། དོན་དམ་པ་སྟོང་པ་ཉིད་ཡོངས་སུ་མྱི་འཛིན་པ་དང་། འདུས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6712#UT22084-014-001-6712