Degé Kangyur volume 15, F.24.b

ཡེ་ཤེས་དེ་རླུང་གི་ཁམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །​དེས་ཡེ་ཤེས་དེ་ནམ་མཁའི་ཁམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ནམ་མཁའི་ཁམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ནམ་མཁའི་ཁམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་ནམ་མཁའི་ཁམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །​དེས་ཡེ་ཤེས་དེ་རྣམ་པར་ཤེས་པའི་ཁམས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཤེས་པའི་ཁམས་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཤེས་པའི་ཁམས་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཤེས་པའི་ཁམས་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །​དེས་ཡེ་ཤེས་དེ་མ་རིག་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མ་རིག་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མ་རིག་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་མ་རིག་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །​དེས་ཡེ་ཤེས་དེ་འདུ་བྱེད་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འདུ་བྱེད་ཀྱི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འདུ་བྱེད་ཀྱི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་འདུ་བྱེད་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །​དེས་ཡེ་ཤེས་དེ་རྣམ་པར་ཤེས་པའི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཤེས་པའི་ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཤེས་པའི་ཕྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཡེ་ཤེས་དེ་རྣམ་པར་ཤེས་པ་མ་ལགས་པ་གཞན་དུ་ཡང་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །​དེས་ཡེ་ཤེས་དེ་མྱིང་དང་གཟུགས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6696#UT22084-014-001-6696