Degé Kangyur volume 15, F.15.a

པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ལགས། །​ནང་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ནང་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ནང་སྟོང་པ་ཉིད་མ་ལགས། །ཕྱི་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཕྱི་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཕྱི་སྟོང་པ་ཉིད་མ་ལགས། །​ཕྱི་ནང་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཕྱི་ནང་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཕྱི་ནང་སྟོང་པ་ཉིད་མ་ལགས། །​སྟོང་པ་ཉིད་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སྟོང་པ་ཉིད་སྟོང་པ་ཉིད་མ་ལགས། །​ཆེན་པོ་སྟོང་པ་ཉིད་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཆེན་པོ་སྟོང་པ་ཉིད་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6677#UT22084-014-001-6677