Degé Kangyur volume 15, F.12.b

མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སྒྲ་མ་ལགས། །​དྲི་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། དྲིའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་དྲི་མ་ལགས། །​རོ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རོའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རོ་མ་ལགས། །​རེག་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རེག་གི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རེག་མ་ལགས། །​ཆོས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ཆོས་ཀྱི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ཆོས་མ་ལགས། །​མྱིག་གི་རྣམ་པར་ཤེས་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། མྱིག་གི་རྣམ་པར་ཤེས་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་མྱིག་གི་རྣམ་པར་ཤེས་པ་མ་ལགས། །​རྣ་བའི་རྣམ་པར་ཤེས་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། རྣ་བའི་རྣམ་པར་ཤེས་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་རྣ་བའི་རྣམ་པར་ཤེས་པ་མ་ལགས། །​སྣའི་རྣམ་པར་ཤེས་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། སྣའི་རྣམ་པར་ཤེས་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་སྣའི་རྣམ་པར་ཤེས་པ་མ་ལགས། །​ལྕེའི་རྣམ་པར་ཤེས་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ལྕེའི་རྣམ་པར་ཤེས་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ལྕེའི་རྣམ་པར་ཤེས་པ་མ་ལགས། །ལུས་ཀྱི་རྣམ་པར་ཤེས་པ་ནི་ཡོངས་སུ་བཟུང་བ་མ་མཆིས་པ་སྟེ། ལུས་ཀྱི་རྣམ་པར་ཤེས་པའི་ཡོངས་སུ་བཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་གྱིས་སྟོང་པའི་སླད་དུ་ལུས་ཀྱི་རྣམ་པར་ཤེས་པ་མ་ལགས། །​ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡོངས་སུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6672#UT22084-014-001-6672