Degé Kangyur volume 14, F.39.a

ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། བདག་མེད་པ་མི་དམིགས་པའི་ཕྱིར། བདག་མེད་པའི་འདུ་ཤེས་བསྒོམ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། མི་སྡུག་པ་མི་དམིགས་པའི་ཕྱིར། མི་སྡུག་པའི་འདུ་ཤེས་བསྒོམ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། འཆི་བ་མི་དམིགས་པའི་ཕྱིར། འཆི་བའི་འདུ་ཤེས་བསྒོམ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། དགའ་བར་མི་བྱ་བ་མི་དམིགས་པའི་ཕྱིར། འཇིག་རྟེན་ཐམས་ཅད་ལ་དགའ་བར་མི་བྱ་བའི་འདུ་ཤེས་བསྒོམ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཡིད་བརྟན་དུ་མི་རུང་བ་མི་དམིགས་པའི་ཕྱིར། འཇིག་རྟེན་ཐམས་ཅད་ལ་ཡིད་བརྟན་དུ་མི་རུང་བའི་འདུ་ཤེས་བསྒོམ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། སྡུག་བསྔལ་མི་དམིགས་པའི་ཕྱིར། སྡུག་བསྔལ་ཤེས་པ་བསྒོམ་པར་བྱའོ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ཀུན་འབྱུང་བ་མི་དམིགས་པའི་ཕྱིར། ཀུན་འབྱུང་བ་ཤེས་པ་བསྒོམ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། འགོག་པ་མི་དམིགས་པའི་ཕྱིར། འགོག་པ་ཤེས་པ་བསྒོམ་པར་བྱའོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། ལམ་མི་དམིགས་པའི་ཕྱིར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-5949#UT22084-014-001-5949