Degé Kangyur volume 14, F.309.a

ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་བས། མྱི་འཇིགས་མྱི་སྔང་སྐྲག་པར་མི་འགྱུར་ཞིང་། དེའི་སེམས་ཆོས་གང་ལ་ཡང་ཞུམ་པར་མྱི་འགྱུར། ཡིད་འགྱོད་པར་མྱི་འགྱུར་རོ། །​རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཚོར་བ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​འདུ་ཤེས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​འདུ་བྱེད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མྱིག་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རྣ་བ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​སྣ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ལྕེ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ལུས་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཡིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​གཟུགས་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​སྒྲ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​དྲི་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རོ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རེག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། སའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཆུའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མྱེའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རླུང་གི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ནམ་མཁའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རྣམ་པར་ཤེས་པའི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མ་རིག་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​འདུ་བྱེད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​རྣམ་པར་ཤེས་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མྱིང་དང་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6481#UT22084-014-001-6481