Degé Kangyur volume 14, F.308.a

མཚན་མ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་ཤེས་མཚན་མ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །​འདུ་བྱེད་མཚན་མ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་བྱེད་མཚན་མ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །​རྣམ་པར་ཤེས་པ་མཚན་མ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། རྣམ་པར་ཤེས་པ་མཚན་མ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །​གཟུགས་སྨོན་པ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། གཟུགས་སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །​ཚོར་བ་སྨོན་པ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། ཚོར་བ་སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །​འདུ་ཤེས་སྨོན་པ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་ཤེས་སྨོན་པ་མྱེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །​འདུ་བྱེད་སྨོན་པ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། འདུ་བྱེད་སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པ་དང་། །​རྣམ་པར་ཤེས་པ་སྨོན་པ་ཡོད་པའི་ཚིག་བླ་དགས་མི་དམིགས་པ་དང་། རྣམ་པར་ཤེས་པ་སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །​རབ་འབྱོར་གང་ཡང་ཁྱོད་འདི་སྐད་དུ་བདག་གིས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་དེ་ལྟ་བུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་།​།ཞེས་ཟེར་བ་ནི། རབ་འབྱོར་ཆོས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཆོས་ཀྱི་དབྱིངས་ཀྱིས་ཆོས་ཡང་དག་པར་རྗེས་སུ་མྱི་མཐོང་སྟེ། རབ་འབྱོར་གཟུགས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཆོས་ཀྱི་དབྱིངས་ཀྱིས་གཟུགས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཚོར་བའི་དབྱིངས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཆོས་ཀྱི་དབྱིངས་ཀྱིས་ཚོར་བའི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​འདུ་ཤེས་ཀྱི་དབྱིངས་ཀྱིས་ཆོས་ཀྱི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6479#UT22084-014-001-6479