Degé Kangyur volume 14, F.295.a

ཡང་ག་ལ་མཆིས། མ་རིག་པའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་མ་རིག་པའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། མ་རིག་པའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། །​འདུ་བྱེད་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། འདུ་བྱེད་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་འདུ་བྱེད་ཀྱི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། འདུ་བྱེད་ཀྱི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་ཡང་ག་ལ་འགྱུར། བྱང་ཆུབ་སེམས་དཔའ་ལ་རྣམ་པར་ཤེས་པའི་དེ་བཞིན་ཉིད་མཆིས་པར་ཡང་ག་ལ་འགྱུར། རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་མཆིས་པ་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་མིང་དང་གཟུགས་ཀྱི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས། མིང་དང་གཟུགས་ཀྱི་དེ་བཞིན་ཉིད་མ་ལགས་པ་གཞན་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ཡང་ག་ལ་མཆིས། མིང་དང་གཟུགས་ཀྱི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་མཆིས་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6453#UT22084-014-001-6453