Degé Kangyur volume 14, F.275.a

མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །​ཚོར་བའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ཚོར་བའི་དེ་བཞིན་ཉིད་ཡོད་པ་མ་ཡིན། ཚོར་བའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །​འདུ་ཤེས་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་ཤེས་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་ཤེས་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་འདུ་ཤེས་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། འདུ་ཤེས་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །​འདུ་བྱེད་ཀྱི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་ཀྱི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་བྱེད་ཀྱི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་འདུ་བྱེད་ཀྱི་དེ་བཞིན་ཉིད་ཡོད་པ་མ་ཡིན། འདུ་བྱེད་ཀྱི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །​རྣམ་པར་ཤེས་པའི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རྣམ་པར་ཤེས་པའི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རྣམ་པར་ཤེས་པའི་དེ་བཞིན་ཉིད་ཡོད་པ་མ་ཡིན། རྣམ་པར་ཤེས་པའི་དེ་བཞིན་ཉིད་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། མིག་གི་དེ་བཞིན་ཉིད་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། མིག་གི་དེ་བཞིན་ཉིད་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། མིག་གི་དེ་བཞིན་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6413#UT22084-014-001-6413