Degé Kangyur volume 14, F.272.b

ཤེས་པའི་ཁམས་མྱེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །​ལྕེའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ལྕེའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལྕེའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ལྕེའི་ཁམས་ཡོད་པ་མ་ཡིན། ལྕེའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །​རོའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རོའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རོའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རོའི་ཁམས་ཡོད་པ་མ་ཡིན། རོའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །​ལྕེའི་རྣམ་པར་ཤེས་པའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ལྕེའི་རྣམ་པར་ཤེས་པའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལྕེའི་རྣམ་པར་ཤེས་པའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ལྕེའི་རྣམ་པར་ཤེས་པའི་ཁམས་ཡོད་པ་མ་ཡིན། ལྕེའི་རྣམ་པར་ཤེས་པའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །​ལུས་ཀྱི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། ལུས་ཀྱི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ལུས་ཀྱི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ལུས་ཀྱི་ཁམས་ཡོད་པ་མ་ཡིན། ལུས་ཀྱི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །​རེག་བྱའི་ཁམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། རེག་བྱའི་ཁམས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། རེག་བྱའི་ཁམས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་རེག་བྱའི་ཁམས་ཡོད་པ་མ་ཡིན། རེག་བྱའི་ཁམས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །​ལུས་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6408#UT22084-014-001-6408