Degé Kangyur volume 14, F.270.a

ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྒ་ཤིའི་དེ་བཞིན་ཉིད་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྒ་ཤིའི་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ལ་རྒ་ཤིའི་དེ་བཞིན་ཉིད་ཡོད་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། རྒ་ཤིའི་དེ་བཞིན་ཉིད་མྱེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གསོལ་པ། བཅོམ་ལྡན་འདས་དེ་ལྟ་མ་ལགས་སོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅྭོ་བརྒྱད་པ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་གང་ཞིག་མཐོང་ན། དེ་སྐད་དུ་གཟུགས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། གཟུགས་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་གཟུགས་ཡོད་པ་མ་ཡིན། གཟུགས་མེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །​ཚོར་བ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་མ་ཡིན་པ་གཞན་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། ཚོར་བ་ལ་ཡང་བྱང་ཆུབ་སེམས་དཔའ་ཡོད་པ་མ་ཡིན། བྱང་ཆུབ་སེམས་དཔའ་ལ་ཡང་ཚོར་བ་ཡོད་པ་མ་ཡིན། ཚོར་བ་མྱེད་པ་ཡང་བྱང་ཆུབ་སེམས་དཔའ་མ་ཡིན། །​འདུ་ཤེས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན། འདུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6403#UT22084-014-001-6403