Degé Kangyur volume 14, F.237.b

ཤེས་པ་ལ་ཆགས་པར་འགྱུར་བ་མེད་དོ། །​ཡིད་ཀྱི་འདུས་ཏེ་རེག་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​གང་ཡང་ཡིད་དང་ཆོས་དང་ཡིད་ཀྱི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་འམ། སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བ་དེ་ལ་ཡང་ཆགས་པར་འགྱུར་བ་མེད་དོ། །​འདུས་བྱས་ཀྱི་ཁམས་ལ་ཆགས་པར་འགྱུར་བ་མྱེད་དོ། །​འདུས་མ་བྱས་ཀྱི་ཁམས་ལ་ཆགས་པར་འགྱུར་བ་མེད་དོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པར་འགྱུར་བ་མེད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​དེ་དག་གི་མྱིང་དང་མཚན་ཉིད་ལ་ཡང་ཆགས་པར་འགྱུར་བ་མྱེད་དོ། །​བྱང་ཆུབ་སེམས་དཔའི་ལུས་ལ་ཡང་ཆགས་པར་འགྱུར་བ་མེད་དོ། །​ཤའི་མྱིག་ལ་ཆགས་པར་འགྱུར་བ་མེད་དོ། །​ལྷའི་མིག་ལ་ཆགས་པར་འགྱུར་བ་མེད་དོ། །​ཤེས་རབ་ཀྱི་མིག་ལ་ཆགས་པར་འགྱུར་བ་མེད་དོ། །​ཆོས་ཀྱི་མིག་ལ་ཆགས་པར་འགྱུར་བ་མེད་དོ། །​སངས་རྒྱས་ཀྱི་མྱིག་ལ་ཆགས་པར་འགྱུར་བ་མྱེད་དོ། །​མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཆགས་པར་འགྱུར་བ་མེད་དོ། །​ནང་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མེད་དོ། །​ཕྱི་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མེད་དོ། །​ཕྱི་ནང་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མེད་དོ། །​སྟོང་པ་ཉིད་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མྱེད་དོ། །​ཆེན་པོ་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མེད་དོ། །​དོན་དམ་པ་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མེད་དོ། །​འདུས་བྱས་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མེད་དོ། །​འདུས་མ་བྱས་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མེད་དོ། །​མཐའ་ལས་འདས་པ་སྟོང་པ་ཉིད་ལ་ཆགས་པར་འགྱུར་བ་མྱེད་དོ། །​ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6338#UT22084-014-001-6338