Degé Kangyur volume 14, F.236.b

རྒྱས་ཀྱི་མིང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྒོམ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བྱང་ཆུབ་སེམས་དཔའ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བྱང་ཆུབ་སེམས་དཔའི་མིང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​སངས་རྒྱས་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སངས་རྒྱས་ཀྱི་མྱིང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་ཤིན་ཏུ་རྟོགས་པ་ཡིན་ཏེ། ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །​རྣམ་པར་བྱང་བར་མི་འགྱུར་རོ། །​རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མྱིང་དང་བརྡར་བྱ་བའི་ཆོས་ཀྱི་གདགས་པ་ཁོང་དུ་ཆུད་པར་བྱ་སྟེ། དེ་ལྟར་དེས་མྱིང་དང་བརྡར་བྱ་བའི་ཆོས་སུ་གདགས་པ་ཁོང་དུ་ཆུད་ནས། གཟུགས་ལ་ཆགས་པར་འགྱུར་བ་མྱེད་དོ། །​ཚོར་བ་ལ་ཆགས་པར་འགྱུར་བ་མྱེད་དོ། །​འདུ་ཤེས་ལ་ཆགས་པར་འགྱུར་བ་མེད་དོ། །​རྣམ་པར་ཤེས་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​མྱིག་ལ་ཆགས་པར་འགྱུར་བ་མྱེད་དོ། །​གཟུགས་ལ་ཆགས་པར་འགྱུར་བ་མྱེད་དོ། །​མྱིག་གི་རྣམ་པར་ཤེས་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​མྱིག་གི་འདུས་ཏེ་རེག་པ་ལ་ཆགས་པར་འགྱུར་བ་མྱེད་དོ། །​གང་ཡང་མྱིག་དང་གཟུགས་དང་། མྱིག་གི་རྣམ་པར་ཤེས་པ་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་འམ་སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན། །​སྡུག་བསྔལ་བ་ཡང་མ་ཡིན་པ་སྐྱེ་བ་དེ་ལ་ཡང་ཆགས་པར་འགྱུར་བ་མྱེད་དོ། །​རྣ་བ་ལ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6336#UT22084-014-001-6336