Degé Kangyur volume 14, F.230.b

དག་པར་རྗེས་སུ་མྱི་མཐོང་ངོ་། །​སངས་རྒྱས་ཀྱི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​དབང་པོ་རྣམས་བསྒོམ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བྱང་ཆུབ་སེམས་དཔའ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​བྱང་ཆུབ་སེམས་དཔའི་མྱིང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​སངས་རྒྱས་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །སངས་རྒྱས་ཀྱི་མྱིང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​སྟོབས་རྣམས་བསྒོམ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མྱིང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​བྱང་ཆུབ་སེམས་དཔའ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བྱང་ཆུབ་སེམས་དཔའི་མྱིང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​སངས་རྒྱས་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​སངས་རྒྱས་ཀྱི་མྱིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བྱང་ཆུབ་ཀྱི་ཡན་ལག་རྣམས་བསྒོམ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བྱང་ཆུབ་སེམས་དཔའ་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​བྱང་ཆུབ་སེམས་དཔའི་མྱིང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​སངས་རྒྱས་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​སངས་རྒྱས་ཀྱི་མིང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ལམ་བསྒོམ་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མིང་ཡང་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6324#UT22084-014-001-6324