Degé Kangyur volume 14, F.229.a

རེག་པ་ཞེས་བྱ་བ་འགག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་དབེན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་མི་དབེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་དགེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་མི་དགེ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་ཁ་ན་མ་ཐོ་བ་དང་བཅས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་ཁ་ན་མ་ཐོ་བ་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་ཟག་པ་དང་བཅས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་ཟག་པ་མེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་ཉོན་མོངས་པ་དང་བཅས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་ཉོན་མོངས་པ་མེད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་འཇིག་རྟེན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་འཇིག་རྟེན་ལས་འདས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་འཁོར་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཡིད་ཀྱི་འདུས་ཏེ་རེག་པ་ཞེས་བྱ་བ་མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​གང་ཡང་ཡིད་དང་ཆོས་དང་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་འམ། སྡུག་བསྔལ་བའམ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་འབྱུང་ཞེས་བྱ་བ་དེ་ཡང་རྟག་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​མྱི་རྟག་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​བདེ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​སྡུག་བསྔལ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​བདག་ཏུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​བདག་མེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཞི་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​མ་ཞི་བར་ཡང་དག་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6322#UT22084-014-001-6322