།རོ་ཞེས་བྱ་བ་འགག་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རོ་ཞེས་བྱ་བ་དབེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རོ་ཞེས་བྱ་བ་མྱི་དབེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རོ་ཞེས་བྱ་བ་དགེ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རོ་ཞེས་བྱ་བ་མྱི་དགེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རོ་ཞེས་བྱ་བ་ཁ་ན་མ་ཐོ་བ་དང་བཅས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རོ་ཞེས་བྱ་བ་ཁ་ན་མ་ཐོ་བ་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རོ་ཞེས་བྱ་བ་ཟག་པ་དང་བཅས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རོ་ཞེས་བྱ་བ་ཟག་པ་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རོ་ཞེས་བྱ་བ་ཉོན་མོངས་པ་དང་བཅས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རོ་ཞེས་བྱ་བ་ཉོན་མོངས་པ་མེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རོ་ཞེས་བྱ་བ་འཇིག་རྟེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རོ་ཞེས་བྱ་བ་འཇིག་རྟེན་ལས་འདས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །རོ་ཞེས་བྱ་བ་འཁོར་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །རོ་ཞེས་བྱ་བ་མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བ་རྟག་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བ་མྱི་རྟག་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བ་བདེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བ་སྡུག་བསྔལ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བ་བདག་ཏུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བ་བདག་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བ་ཞི་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བ་མ་ཞི་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བ་སྟོང་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བ་མྱི་སྟོང་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །ལྕེའི་རྣམ་པར་ཤེས་པ་ཞེས་བྱ་བ་མཚན་མ་ཡོད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་།