Degé Kangyur volume 14, F.212.a

རེག་པ་ཞེས་བྱ་བ་འཇིག་རྟེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​མྱིག་གི་འདུས་ཏེ་རེག་པ་ཞེས་བྱ་བ་འཇིག་རྟེན་ལས་འདས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མྱིག་གི་འདུས་ཏེ་རེག་པ་ཞེས་བྱ་བ་འཁོར་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མྱིག་གི་འདུས་ཏེ་རེག་པ་ཞེས་བྱ་བ་མྱ་ངན་ལས་འདས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​གང་ཡང་མྱིག་དང་གཟུགས་དང་མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་བདེ་བ་འམ་སྡུག་བསྔལ་བ་འམ། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་འབྱུང་ཞེས་བྱ་བ་དེ་ཡང་རྟག་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​མྱི་རྟག་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​བདེ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​སྡུག་བསྔལ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བདག་ཏུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​བདག་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཞི་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​མ་ཞི་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​སྟོང་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མི་སྟོང་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​མཚན་མ་ཡོད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​མཚན་མ་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​སྨོན་པ་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​སྨོན་པ་མྱེད་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​འདུས་བྱས་སུ་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། འདུས་མ་བྱས་སུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​ཀུན་ནས་ཉོན་མོངས་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​རྣམ་པར་བྱང་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​སྐྱེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། འགག་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​དབེན་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །​མྱི་དབེན་པར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​དགེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​མྱི་དགེ་བར་ཡང་དག་པར་རྗེས་སུ་མྱི་མཐོང་ངོ་། །​ཁ་ན་མ་ཐོ་བ་དང་བཅས་པར་ཡང་དག་པར་རྗེས་སུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6288#UT22084-014-001-6288