Degé Kangyur volume 14, F.148.a

བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​ཕྱིར་མི་འོང་བའི་འབྲས་བུ་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​དགྲ་བཅོམ་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​རང་བྱང་ཆུབ་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་བརྟན་ཞེས་བྱ་བ་འམ་མྱི་བརྟན་ཞེས་བྱ་བར་མི་སྦྱོར་རོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བརྟན་ཞེས་བྱ་བ་འམ་མི་བརྟན་ཞེས་བྱ་བར་མྱི་སྦྱོར་རོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་པ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ཡོད་ཅེས་བྱ་བ་འམ་མྱེད་ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །​ཚོར་བ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །​འདུ་ཤེས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །​འདུ་བྱེད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །​རྣམ་པར་ཤེས་པ་ཡོད་ཅེས་བྱ་པ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །​མིག་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མྱི་འབྱེད་དོ། །​རྣ་བ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །​སྣ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མྱི་སྦྱོར་མྱི་འབྱེད་དོ། །​ལྕེ་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །​ལུས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །​ཡིད་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །​གཟུགས་ཡོད་ཅེས་བྱ་བ་འམ་མེད་ཅེས་བྱ་བར་མི་སྦྱོར་མི་འབྱེད་དོ། །​སྒྲ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6161#UT22084-014-001-6161