Degé Kangyur volume 17, F.275.a

བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རང་གི་མཚན་ཉིད་སྟོང་པ་ཉིད་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །​རང་གི་མཚན་ཉིད་སྟོང་པ་ཉིད་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །​རང་གི་མཚན་ཉིད་སྟོང་པ་ཉིད་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །​རང་གི་མཚན་ཉིད་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །​རང་གི་མཚན་ཉིད་སྟོང་པ་ཉིད་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །​རང་གི་མཚན་ཉིད་སྟོང་པ་ཉིད་མངོན་པར་རྫོགས་པར་འཚང་མི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱི་དམྱིགས་པ་སྟོང་པ་ཉིད་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །​མྱི་དམྱིགས་པ་སྟོང་པ་ཉིད་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །​མྱི་དམྱིགས་པ་སྟོང་པ་ཉིད་རང་བཞིན་མེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །​མྱི་དམྱིགས་པ་སྟོང་པ་ཉིད་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །​མྱི་དམྱིགས་པ་སྟོང་པ་ཉིད་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །​མྱི་དམྱིགས་པ་སྟོང་པ་ཉིད་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དངོས་པོ་མྱེད་པ་སྟོང་པ་ཉིད་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །​དངོས་པོ་མྱེད་པ་སྟོང་པ་ཉིད་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །​དངོས་པོ་མྱེད་པ་སྟོང་པ་ཉིད་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །​དངོས་པོ་མྱེད་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10766#UT22084-014-001-10766