Degé Kangyur volume 17, F.271.b

རྒ་ཤི་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་པ་ཉིད་ཀྱི་ཕྱིར། ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་པའི་ཕྱིར། ཡིད་ལ་བྱེད་པ་དབེན་པར་རིག་པར་བྱའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བའི་ཕྱིར། ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་མྱི་རྒྱ་བར་རིག་པར་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟོང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10759#UT22084-014-001-10759