Degé Kangyur volume 17, F.249.a

ཕྱིར་ཞེ་ན། འདི་ལྟར་གནས་བརྟན་རབ་འབྱོར་ནི་གང་དང་གང་ཡོངས་སུ་དྲིས་པ་དེ་དང་དེ་ལ་ཐོགས་པ་མེད་དོ། །​རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། དེ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཆོས་ཐམས་ཅད་ལ་གནས་པ་མྱེད་པ་དག་གི་ཆོས་ཉིད་དེ་དེ་དག་ནི་གང་དང་གང་ཡོངས་སུ་དྲིས་པ་དེ་དང་དེ་ལ་ཐོགས་པ་མེད་དོ། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཆོས་ཐ མས་ཅད་མྱི་གནས་པའི་ཕྱིར་རོ། །​སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ན་ཆོས་ཐམས་ཅད་མྱི་གནས་པ་ཡིན། །​རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གཟུགས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚོར་བ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདུ་ཤེས་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདུ་བྱེད་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཤེས་པ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིག་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མི་གནས་གཉིས་ཀ་མྱེད་པར་ཡང་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣ་བ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མྱི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མེད་པར་ཡང་མྱི་དམྱིགས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྣ་ནི་རང་བཞིན་གྱིས་སྟོང་པ་སྟེ། དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མྱི་གནས་གཉིས་ཀ་མྱེད་པར་ཡང་མི་དམྱིགས་སོ། །​ཚེ་དང་ལྡན་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10714#UT22084-014-001-10714