Degé Kangyur volume 14, F.144.b

རྣམ་པར་ཐར་པ་བརྒྱད་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །​རྣམ་པར་ཐར་པ་བརྒྱད་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །​རྣམ་པར་ཐར་པ་བརྒྱད་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །​མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །​མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །​མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །​མངོན་པར་ཤེས་པ་རྣམས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །​མངོན་པར་ཤེས་པ་རྣམས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །​མངོན་པར་ཤེས་པ་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །​ཏིང་ངེ་འཛིན་རྣམས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །​ཏིང་ངེ་འཛིན་རྣམས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །​ཏིང་ངེ་འཛིན་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །​གཟུངས་ཀྱི་སྒོ་རྣམས་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །​གཟུངས་ཀྱི་སྒོ་རྣམས་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །​གཟུངས་ཀྱི་སྒོ་རྣམས་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །​དེ་བཞིན་གཤེགས་པའི་སྟོབས་བཅུ་ད་ལྟར་བྱུང་བ་ཞེས་བྱ་བར་མི་སྦྱོར་རོ། །​མྱི་འཇིགས་པ་བཞི་འདས་པ་ཞེས་བྱ་བར་མི་སྦྱོར་རོ། །​མྱི་འཇིགས་པ་བཞི་མ་འོངས་པ་ཞེས་བྱ་བར་མི་སྦྱོར་རོ། །​མྱི་འཇིགས་པ་བཞི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6154#UT22084-014-001-6154