Degé Kangyur volume 17, F.238.a

ཡང་དག་པར་སྤོང་བ་རྣམས་ཀྱང་སྐྱེ་བ་མྱེད། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་སྐྱེ་བ་མྱེད། དབང་པོ་རྣམས་ཀྱང་སྐྱེ་བ་མྱེད། སྟོབས་རྣམས་ཀྱང་སྐྱེ་བ་མེད། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་སྐྱེ་བ་མྱེད། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡང་སྐྱེ་བ་མྱེད། འཕགས་པའི་བདེན་པ་རྣམས་ཀྱང་སྐྱེ་བ་མྱེད་ལ། བསམ་གཏན་རྣམས་ཀྱང་སྐྱེ་བ་མྱེད། ཚད་མྱེད་པ་རྣམས་ཀྱང་སྐྱེ་བ་མྱེད། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་ཀྱང་སྐྱེ་བ་མྱེད། རྣམ་པར་ཐར་པ་བརྒྱད་ཀྱང་སྐྱེ་བ་མྱེད། མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ཡང་སྐྱེ་བ་མྱེད། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མེད་པ་ཡང་སྐྱེ་བ་མྱེད། མངོན་པར་ཤེས་པ་རྣམས་ཀྱང་སྐྱེ་བ་མྱེད། ཏིང་ངེ་འཛིན་རྣམས་ཀྱང་སྐྱེ་བ་མྱེད། གཟུངས་ཀྱི་སྒོ་རྣམས་ཀྱང་སྐྱེ་བ་མྱེད། །​དེ་བཞིན་གཤེགས་པའི་སྟོབས་བཅུ་ཡང་སྐྱེ་བ་མྱེད་ལ། མྱི་འཇིགས་པ་བཞི་ཡང་སྐྱེ་བ་མྱེད། སོ་སོ་ཡང་དག་པར་རིག་པ་བཞི་ཡང་སྐྱེ་བ་མྱེད། བྱམས་པ་ཆེན་པོ་ཡང་སྐྱེ་བ་མྱེད། སྙིང་རྗེ་ཆེན་པོ་ཡང་སྐྱེ་བ་མྱེད། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་ཀྱང་སྐྱེ་བ་མྱེད། །​ཐམས་ཅད་ཤེས་པ་ཉིད་ཀྱང་སྐྱེ་བ་མྱེད་ལ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་སྐྱེ་བ་མྱེད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྐྱེ་བ་མྱེད། སོ་སོའི་སྐྱེ་བོ་ཡང་སྐྱེ་བ་མྱེད་ལ། སོ་སོའི་སྐྱེ་བོའི་ཆོས་ཀྱང་སྐྱེ་བ་མྱེད། རྒྱུན་ཏུ་ཞུགས་པ་ཡང་སྐྱེ་བ་མྱེད། རྒྱུན་ཏུ་ཞུགས་པའི་ཆོས་ཀྱང་སྐྱེ་བ་མྱེད། ལན་ཅིག་ཕྱིར་འོང་བ་ཡང་སྐྱེ་བ་མྱེད། ལན་ཅིག་ཕྱིར་འོང་བའི་ཆོས་ཀྱང་སྐྱེ་བ་མྱེད། ཕྱིར་མྱི་འོང་བ་ཡང་སྐྱེ་བ་མྱེད། ཕྱིར་མྱི་འོང་བའི་ཆོས་ཀྱང་སྐྱེ་བ་མྱེད། དགྲ་བཅོམ་པ་ཡང་སྐྱེ་བ་མྱེད། དགྲ་བཅོམ་པའི་ཆོས་ཀྱང་སྐྱེ་བ་མྱེད། རང་སངས་རྒྱས་ཀྱང་སྐྱེ་བ་མྱེད། རང་སངས་རྒྱས་ཀྱི་ཆོས་ཀྱང་སྐྱེ་བ་མྱེད། བྱང་ཆུབ་སེམས་དཔའ་ཡང་སྐྱེ་བ་མྱེད། བྱང་ཆུབ་སེམས་དཔའི་ཆོས་ཀྱང་སྐྱེ་བ་མྱེད། སངས་རྒྱས་ཀྱང་སྐྱེ་བ་མྱེད། སངས་རྒྱས་ཀྱི་ཆོས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10692#UT22084-014-001-10692