Degé Kangyur volume 17, F.236.a

ཡང་མ་སྐྱེས་ལ། རྣ་བའི་འདུས་ཏེ་རེག་པ་ཡང་མ་སྐྱེས་པ། སྣའི་འདུས་ཏེ་རེག་པ་ཡང་མ་སྐྱེས་པ། ལྕེའི་འདུས་ཏེ་རེག་པ་ཡང་མ་སྐྱེས་པ། ལུས་ཀྱི་འདུས་ཏེ་རེག་པ་ཡང་མ་སྐྱེས་པ། ཡིད་ཀྱི་འདུས་ཏེ་རེག་པ་ཡང་མ་སྐྱེས་པ། །མྱིག་གི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མ་སྐྱེས་ལ། རྣ་བའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མ་སྐྱེས་པ། སྣའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མ་སྐྱེས་པ། ལྕེའི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མ་སྐྱེས་པ། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མ་སྐྱེས་པ། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་ཡང་མ་སྐྱེས་པ། །​སའི་ཁམས་ཀྱང་མ་སྐྱེས་ལ། ཆུའི་ཁམས་ཀྱང་མ་སྐྱེས་པ། མྱེའི་ཁམས་ཀྱང་མ་སྐྱེས་པ། རླུང་གི་ཁམས་ཀྱང་མ་སྐྱེས་པ། ནམ་མཁའི་ཁམས་ཀྱང་མ་སྐྱེས་པ། རྣམ་པར་ཤེས་པའི་ཁམས་ཀྱང་མ་སྐྱེས་པ། །​མ་རིག་པ་ཡང་མ་སྐྱེས་ལ། འདུ་བྱེད་ཀྱང་མ་སྐྱེས་པ། རྣམ་པར་ཤེས་པ་ཡང་མ་སྐྱེས་པ། མྱིང་དང་གཟུགས་ཀྱང་མ་སྐྱེས་པ། སྐྱེ་མཆེད་དྲུག་ཀྱང་མ་སྐྱེས་པ། རེག་པ་ཡང་མ་སྐྱེས་པ། ཚོར་བ་ཡང་མ་སྐྱེས་པ། སྲེད་པ་ཡང་མ་སྐྱེས་པ། ལེན་པ་ཡང་མ་སྐྱེས་པ། སྲིད་པ་ཡང་མ་སྐྱེས་པ། སྐྱེ་བ་ཡང་མ་སྐྱེས་པ། རྒ་ཤི་ཡང་མ་སྐྱེས་པ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མ་སྐྱེས་ལ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་སྐྱེས་པ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཡང་མ་སྐྱེས་པ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་སྐྱེས་པ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་སྐྱེས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མ་སྐྱེས་པ། །​ནང་སྟོང་པ་ཉིད་ཀྱང་མ་སྐྱེས་ལ། ཕྱི་སྟོང་པ་ཉིད་ཀྱང་མ་སྐྱེས་པ། ཕྱི་ནང་སྟོང་པ་ཉིད་ཀྱང་མ་སྐྱེས་པ། སྟོང་པ་ཉིད་སྟོང་པ་ཉིད་ཀྱང་མ་སྐྱེས་པ། ཆེན་པོ་སྟོང་པ་ཉིད་ཀྱང་མ་སྐྱེས་པ། དོན་དམ་པ་སྟོང་པ་ཉིད་ཀྱང་མ་སྐྱེས་པ། འདུས་བྱས་སྟོང་པ་ཉིད་ཀྱང་མ་སྐྱེས་པ། འདུས་མ་བྱས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10688#UT22084-014-001-10688