Degé Kangyur volume 17, F.235.a

མཚན་མ་མྱེད་པ་དང་། སྨོན་པ་མྱེད་པའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། མངོན་པར་ཤེས་པ་རྣམས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཏིང་ངེ་འཛིན་རྣམས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། གཟུངས་ཀྱི་སྒོ་རྣམས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། མྱི་འཇིགས་པ་རྣམས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། བྱམས་པ་ཆེན་པོའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། སྙིང་རྗེ་ཆེན་པོའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཐམས་ཅད་ཤེས་པ་ཉིད་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། ལམ་གྱི་རྣམ་པར་ཤེས་པ་ཉིད་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། སོ་སོའི་སྐྱེ་བོའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། སོ་སོའི་སྐྱེ་བོའི་ཆོས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། རྒྱུན་ཏུ་ཞུགས་པའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། རྒྱུན་ཏུ་ཞུགས་པའི་ཆོས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། ལན་ཅིག་ཕྱིར་འོང་བའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། ལན་ཅིག་ཕྱིར་འོང་བའི་ཆོས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10686#UT22084-014-001-10686