Degé Kangyur volume 17, F.232.b

པའོ། །​འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་གང་གི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། ཆོས་དེ་དག་ལ་དེ་ལྟར་ཡོངས་སུ་རྟོག་པ་དེའི་ཚེ། ཤིན་ཏུ་རྣམ་པར་དག་པའི་སླད་དུ། གཟུགས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཚོར་བའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། འདུ་ཤེས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། འདུ་བྱེད་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། རྣམ་པར་ཤེས་པའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། མྱིག་གི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། རྣ་བའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། སྣའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། ལྕེའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། ལུས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། ཡིད་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། གཟུགས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། སྒྲའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། དྲིའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ། རོའི་མ་སྐྱེས་པ་མཐོང་བར་འགྱུར། ཤིན་ཏུ་རྣམ་པར་དག་པའི་སླད་དུ།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10681#UT22084-014-001-10681