Degé Kangyur volume 17, F.223.a

ཅད་ཤེས་པ་ཉིད་ཅེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​གང་འདི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​གང་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ་ཞེས་ཟེར། །​རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟར་གཟུགས་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་གཟུགས། གཟུགས་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་གཟུགས་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་ཚོར་བ་ཡང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་ཚོར་བ། ཚོར་བ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་ཚོར་བ་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་འདུ་ཤེས་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་འདུ་ཤེས། འདུ་ཤེས་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་འདུ་ཤེས་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་འདུ་བྱེད་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་འདུ་བྱེད། འདུ་བྱེད་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་འདུ་བྱེད་ཅེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་རྣམ་པར་ཤེས་པ་ཡང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་རྣམ་པར་ཤེས་པ། རྣམ་པར་ཤེས་པ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་མྱིག་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10662#UT22084-014-001-10662