Degé Kangyur volume 17, F.214.a

ཤེས་པ་ཉིད་མ་ཡིན། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཞེས་ཟེར།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་བཞི་པ། །​རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལྟར་འགྲིབ་པ་གང་ཡིན་པ་དང་། གཟུགས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཚོར་བ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། འདུ་ཤེས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། འདུ་བྱེད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ་བལྟར་མྱེད་པ་ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་ཉིད་མྱེད་པར་མཚན་ཉིད་གཅིག་པའོ། །​འགྲིབ་པ་གང་ཡིན་པ་དང་། མྱིག་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། རྣ་བ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། སྣ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ལྕེ་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ལུས་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པ་དང་། འགྲིབ་པ་གང་ཡིན་པ་དང་། ཡིད་གང་ཡིན་པ་དང་། གཉིས་སུ་བྱར་མྱེད་པ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མྱི་ལྡན་པ་ཡང་མ་ཡིན། གཟུགས་མྱེད་པ་བལྟར་མྱེད་པ་ཐོགས་པ་མྱེད་པ་སྟེ། འདི་ལྟར་མཚན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10644#UT22084-014-001-10644