Degé Kangyur volume 17, F.211.b

ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ལམ་གྱི་རྣམ་པ་ཤེས་པ་ཉིད་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ། །​སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ། གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན། ཚོར་བའི་འགྲིབ་པ་གང་ཡིན་པ་དེ་ནི་ཚོར་བ་མ་ཡིན། འདུ་ཤེས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་འདུ་ཤེས་མ་ཡིན། འདུ་བྱེད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་འདུ་བྱེད་མ་ཡིན། རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན། མྱིག་གི་འགྲིབ་པ་གང་ཡིན་པ་དེ་ནི་མྱིག་མ་ཡིན། རྣ་བའི་འགྲིབ་པ་གང་ཡིན་པ་དེ་ནི་རྣ་བ་མ་ཡིན། སྣའི་འགྲིབ་པ་གང་ཡིན་པ་དེ་ནི་སྣ་མ་ཡིན། ལྕེའི་འགྲིབ་པ་གང་ཡིན་པ་དེ་ནི་ལྕེ་མ་ཡིན། ལུས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་ལུས་མ་ཡིན། ཡིད་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་ཡིད་མ་ཡིན། གཟུགས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན། སྒྲའི་འགྲིབ་པ་གང་ཡིན་པ་དེ་ནི་སྒྲ་མ་ཡིན། དྲིའི་འགྲིབ་པ་གང་ཡིན་པ་དེ་ནི་དྲི་མ་ཡིན། རོའི་འགྲིབ་པ་གང་ཡིན་པ་དེ་ནི་རོ་མ་ཡིན། རེག་གི་འགྲིབ་པ་གང་ཡིན་པ་དེ་ནི་རེག་མ་ཡིན། ཆོས་ཀྱི་འགྲིབ་པ་གང་ཡིན་པ་དེ་ནི་ཆོས་མ་ཡིན། མྱིག་གི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ནི་མྱིག་གི་རྣམ་པར་ཤེས་པ་མ་ཡིན། རྣ་བའི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ནི། རྣ་བའི་རྣམ་པར་ཤེས་པ་མ་ཡིན། སྣའི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ནི། སྣའི་རྣམ་པར་ཤེས་པ་མ་ཡིན། ལྕེའི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ནི། ལྕེའི་རྣམ་པར་ཤེས་པ་མ་ཡིན། ལུས་ཀྱི་རྣམ་པར་ཤེས་པའི་འགྲིབ་པ་གང་ཡིན་པ་དེ་ནི། ལུས་ཀྱི་རྣམ་པར་ཤེས་པ་མ་ཡིན།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10639#UT22084-014-001-10639