Degé Kangyur volume 17, F.209.b

པ་ཤ་ར་དྭ་ཏིའི་བུ། དབང་པོ་རྣམས་ནི་དབང་པོ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་དབང་པོ་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། དབང་པོ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་དབང་པོ་རྣམས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྟོབས་རྣམས་ནི་སྟོབས་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་སྟོབས་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སྟོབས་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་སྟོབས་རྣམས་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་བྱང་ཆུབ་ཀྱི་ཡན་ལག་རྣམས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པས་སྟོང་སྟེ། གང་སྟོང་པ་དེ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། འཕགས་པའི་ལམ་ཡན་ལག་བརྒྱད་པའི་མ་སྐྱེས་པ་གང་ཡིན་པ་དེ་འཕགས་པའི་ལམ་ཡན་ལག་བརྒྱད་པ་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འཕགས་པའི་བདེན་པ་རྣམས་ནི་འཕགས་པའི་བདེན་པ་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་འཕགས་པའི་བདེན་པ་རྣམས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། འཕགས་པའི་བདེན་པ་རྣམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་འཕགས་པའི་བདེན་པ་རྣམས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བསམ་གཏན་རྣམས་ནི་བསམ་གཏན་རྣམས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་བསམ་གཏན་རྣམས་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། བསམ་གཏན་རྣམས་ཀྱི་མ་སྐྱེས་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10635#UT22084-014-001-10635