Degé Kangyur volume 17, F.206.b

འདུ་བྱེད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་འདུ་བྱེད་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པས་སྟོང་སྟེ། གང་སྟོང་པ་དེ་ནི་རྣམ་པར་ཤེས་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་རྣམ་པར་ཤེས་པ་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། མྱིང་དང་གཟུགས་ནི་མྱིང་དང་གཟུགས་ཀྱིས་སྟོང་སྟེ། གང་སྟོང་པ་དེ་ནི་མྱིང་དང་གཟུགས་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། མིང་དང་གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་མྱིང་དང་གཟུགས་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྐྱེ་མཆེད་དྲུག་ནི་སྐྱེ་མཆེད་དྲུག་གིས་སྟོང་སྟེ། གང་སྟོང་པ་དེ་ནི་སྐྱེ་མཆེད་དྲུག་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སྐྱེ་མཆེད་དྲུག་གི་མ་སྐྱེས་པ་གང་ཡིན་པ་དེ་སྐྱེ་མཆེད་དྲུག་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རེག་པ་ནི་རེག་པས་སྟོང་སྟེ། གང་སྟོང་པ་དེ་ནི་རེག་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། རེག་པའི་མ་སྐྱེས་པ་གང་ཡིན་པ་དེ་རེག་པ་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ཚོར་བ་ནི་ཚོར་བས་སྟོང་སྟེ། གང་སྟོང་པ་དེ་ནི་ཚོར་བ་མ་ཡིན་ཏེ། སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་ཚོར་བ་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྲེད་པ་ནི་སྲེད་པས་སྟོང་སྟེ། གང་སྟོང་པ་དེ་ནི་སྲེད་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། སྲེད་པའི་མ་སྐྱེས་པ་གང་ཡིན་པ་དེ་སྲེད་པ་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལེན་པ་ནི་ལེན་པས་སྟོང་སྟེ། གང་སྟོང་པ་དེ་ནི་ལེན་པ་མ་ཡིན་ཏེ་སྐྱེ་བ་མྱེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། རྣམ་གྲངས་དེས་ན། ལེན་པའི་མ་སྐྱེས་པ་གང་ཡིན་པ་དེ་ལེན་པ་མ་ཡིན་ནོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སྲིད་པ་ནི་སྲིད་པས་སྟོང་སྟེ། གང་སྟོང་པ་དེ་ནི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10629#UT22084-014-001-10629