Degé Kangyur volume 17, F.201.b

ཡིན་པ་དེ་ནི། ལུས་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་ཀྱིས་ཚོར་བ་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། སའི་ཁམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། སའི་ཁམས་མ་ཡིན། ཆུའི་ཁམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཆུའི་ཁམས་མ་ཡིན། མྱེའི་ཁམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། མེའི་ཁམས་མ་ཡིན། རླུང་གི་ཁམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། རླུང་གི་ཁམས་མ་ཡིན། ནམ་མཁའི་ཁམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ནམ་མཁའི་ཁམས་མ་ཡིན། རྣམ་པར་ཤེས་པའི་ཁམས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པའི་ཁམས་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། མ་རིག་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། མ་རིག་པ་མ་ཡིན། འདུ་བྱེད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། འདུ་བྱེད་མ་ཡིན། རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན། མྱིང་དང་གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། མྱིང་དང་གཟུགས་མ་ཡིན། སྐྱེ་མཆེད་དྲུག་གི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྐྱེ་མཆེད་དྲུག་མ་ཡིན། རེག་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རེག་པ་མ་ཡིན། ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཚོར་བ་མ་ཡིན། སྲེད་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྲེད་པ་མ་ཡིན། ལེན་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ལེན་པ་མ་ཡིན། སྲིད་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྲིད་པ་མ་ཡིན། སྐྱེ་བའི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྐྱེ་བ་མ་ཡིན། རྒ་ཤིའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྒ་ཤི་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་ཡིན།



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10619#UT22084-014-001-10619