Degé Kangyur volume 17, F.200.b

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དེ་ལྟ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་འདི་དག་ལ། ཡོངས་སུ་རྟོག་པ་མྱེད་པའི་ཚུལ་གྱིས། དེ་ལྟར་ཡོངས་སུ་རྟོག་གོ། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་བཅུ་གསུམ་པ། །​སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར། དེ་སྐད་དུ། གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། གཟུགས་མ་ཡིན། ཚོར་བའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཚོར་བ་མ་ཡིན། འདུ་ཤེས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། འདུ་ཤེས་མ་ཡིན། འདུ་བྱེད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། འདུ་བྱེད་མ་ཡིན། རྣམ་པར་ཤེས་པའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྣམ་པར་ཤེས་པ་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། མྱིག་གི་མ་སྐྱེས་པ་གང་ཡིན་པ་དེ་ནི། མྱིག་མ་ཡིན། རྣ་བའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རྣ་བ་མ་ཡིན། སྣའི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྣ་མ་ཡིན། ལྕེའི་མ་སྐྱེས་པ་གང་ཡིན་པ་དེ་ནི། ལྕེ་མ་ཡིན། ལུས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ལུས་མ་ཡིན། ཡིད་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། ཡིད་མ་ཡིན་ཞེས་ཟེར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། དེ་སྐད་དུ། གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི། གཟུགས་མ་ཡིན། སྒྲའི་མ་སྐྱེས་པ་གང་ཡིན་པ་དེ་ནི། སྒྲ་མ་ཡིན། དྲིའི་མ་སྐྱེས་པ་གང་ཡིན་པ་དེ་ནི། དྲི་མ་ཡིན། རོའི་མ་སྐྱེས་པ་གང་ཡིན་པ་དེ་ནི། རོ་མ་ཡིན། རེག་གི་མ་སྐྱེས་པ་གང་ཡིན་པ་དེ་ནི། རེག་མ་ཡིན། ཆོས་ཀྱི་མ་སྐྱེས་པ་གང་ཡིན་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10617#UT22084-014-001-10617