Degé Kangyur volume 14, F.139.b

ཅེས་བྱ་བར་མི་སྦྱོར་རོ། །​བྱང་ཆུབ་ཀྱི་ཡན་ལག་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​འཕགས་པའི་བདེན་པ་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​བསམ་གཏན་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​ཚད་མེད་པ་རྣམས་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​རྣམ་པར་ཐར་པ་བརྒྱད་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​མཐར་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​མངོན་པར་ཤེས་པ་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​ཏིང་ངེ་འཛིན་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​གཟུངས་ཀྱི་སྒོ་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​དེ་བཞིན་གཤེགས་པའི་སྟོབས་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​མི་འཇིགས་པ་རྣམས་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​སོ་སོ་ཡང་དག་པར་རིག་པ་རྣམས་སྐྱེ་ཞེས་བྱ་བ་འམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​བྱམས་པ་ཆེན་པོ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​སྙིང་རྗེ་ཆེན་པོ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅྭོ་བརྒྱད་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །རྒྱུན་ཏུ་ཞུགས་པའི་འབྲས་བུ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​ལན་ཅིག་ཕྱིར་འོང་བའི་འབྲས་བུ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​ཕྱིར་མི་འོང་བའི་འབྲས་བུ་སྐྱེ་ཞེས་བྱ་བའམ་འགག་ཅེས་བྱ་བར་མི་སྦྱོར་རོ། །​དགྲ་བཅོམ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6144#UT22084-014-001-6144