Degé Kangyur volume 17, F.194.a

སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དྲན་པ་ཉེ་བར་གཞག་པ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དྲན་པ་ཉེ་བར་གཞག་པ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དྲན་པ་ཉེ་བར་གཞག་པ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དྲན་པ་ཉེ་བར་གཞག་པ་རྣམས་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དྲན་པ་ཉེ་བར་གཞག་པ་རྣམས་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དྲན་པ་ཉེ་བར་གཞག་པ་རྣམས་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དྲན་པ་ཉེ་བར་གཞག་པ་རྣམས་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དྲན་པ་ཉེ་བར་གཞག་པ་རྣམས་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དྲན་པ་ཉེ་བར་གཞག་པ་རྣམས་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཡང་དག་པར་སྤོང་བ་རྣམས་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཡང་དག་པར་སྤོང་བ་རྣམས་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཡང་དག་པར་སྤོང་བ་རྣམས་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཡང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10604#UT22084-014-001-10604