Degé Kangyur volume 17, F.189.b

མ་ཞི་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​བསམ་གཏན་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་ཞེས་བྱ་བ་དང་། མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟག་ཅེས་བྱ་བ་དང་། མྱི་རྟག་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདེ་ཞེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདག་ཅེས་བྱ་བ་དང་། བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུག་ཅེས་བྱ་བ་དང་། མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཞེས་བྱ་བ་དང་། མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཚན་མ་ཡོད་ཅེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨོན་པ་ཡོད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞི་ཞེས་བྱ་བ་དང་། མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​ཤེས་རབ་ཀྱི་ཕ་རོལ་ཏུ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10595#UT22084-014-001-10595