Degé Kangyur volume 17, F.179.b

གོ །​གཟུགས་བདག་ཅེས་བྱ་བ་དང་བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​གཟུགས་སྡུག་ཅེས་བྱ་བ་དང་མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​གཟུགས་སྟོང་ཞེས་བྱ་བ་དང་མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​གཟུགས་མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​གཟུགས་སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​གཟུགས་ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​གཟུགས་དབེན་ཞེས་བྱ་བ་དང་མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​སྒྲ་རྟག་ཅེས་བྱ་བ་དང་མི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​སྒྲ་བདེ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​སྒྲ་བདག་ཅེས་བྱ་བ་དང་བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​སྒྲ་སྡུག་ཅེས་བྱ་བ་དང་མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​སྒྲ་སྟོང་ཞེས་བྱ་བ་དང་མྱི་སྟོང་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​སྒྲ་མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །​སྒྲ་སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མི་རྟོག་གོ །སྒྲ་ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​སྒྲ་དབེན་ཞེས་བྱ་བ་དང་མྱི་དབེན་ཞེས་བྱ་བར་ཡོངས་སུ་མི་རྟོག་གོ །​དྲི་རྟག་ཅེས་བྱ་བ་དང་མྱི་རྟག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དྲི་བདེ་ཞེས་བྱ་བ་དང་སྡུག་བསྔལ་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །དྲི་བདག་ཅེས་བྱ་བ་དང་བདག་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དྲི་སྡུག་ཅེས་བྱ་བ་དང་མྱི་སྡུག་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དྲི་སྟོང་ཞེས་བྱ་བ་དང་མྱི་སྟོང་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དྲི་མཚན་མ་ཡོད་ཅེས་བྱ་བ་དང་མཚན་མ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དྲི་སྨོན་པ་ཡོད་ཅེས་བྱ་བ་དང་སྨོན་པ་མྱེད་ཅེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དྲི་ཞི་ཞེས་བྱ་བ་དང་མ་ཞི་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​དྲི་དབེན་ཞེས་བྱ་བ་དང་མྱི་དབེན་ཞེས་བྱ་བར་ཡོངས་སུ་མྱི་རྟོག་གོ །​རོ་རྟག་ཅེས་བྱ་བ་དང་མྱི་རྟག་ཅེས་བྱ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10575#UT22084-014-001-10575