Degé Kangyur volume 17, F.174.b

པར་ཆགས་པ་མྱེད་དོ། །​རྣམ་པར་ཤེས་པའི་ཁམས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​མ་རིག་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​འདུ་བྱེད་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​རྣམ་པར་ཤེས་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​མྱིང་དང་གཟུགས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​སྐྱེ་མཆེད་དྲུག་གི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​རེག་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མེད་དོ། །​ཚོར་བའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མེད་དོ། །​སྲེད་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མེད་དོ། །​ལེན་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​སྲིད་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​སྐྱེ་བའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​རྒ་ཤིའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མེད་དོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མེད་དོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​ནང་སྟོང་པ་ཉིད་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མེད་དོ། །​ཕྱི་སྟོང་པ་ཉིད་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མེད་དོ། །​ཕྱི་ནང་སྟོང་པ་ཉིད་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་ད། །​སྟོང་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་ཤེས་ཏེ། །​དེ་ལ་མངོན་པར་ཆགས་པ་མྱེད་དོ། །​ཆེན་པོ་སྟོང་པ་ཉིད་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མེད་དོ། །​དོན་དམ་པ་སྟོང་པ་ཉིད་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མེད་དོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10565#UT22084-014-001-10565