Degé Kangyur volume 17, F.173.b

ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་འདི་དག་ལ་ནི་ཇི་ལྟར་ཡོངས་སུ་རྟོག །​ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་ནི་གང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་། ཡོངས་སུ་བརྟག་པ་ནི་གང་། དེ་སྐད་ཅེས་སྨྲས་པ་དང་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གང་འདི་སྐད་དུ། བྱང་ཆུབ་སེམས་དཔའ་གང་ཞེས་ཟེར་བ་ནི། གང་གི་ཕྱིར་སེམས་ཅན། བྱང་ཆུབ་ཡིན་པ་དེའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བྱང་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་ཏེ། ཆོས་དེ་དག་ལ་མངོན་པར་ཆགས་པ་མྱེད་དོ། །​ཆོས་གང་གི་རྣམ་པ་ཤེས་ཞེ་ན། གཟུགས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​ཚོར་བའི་རྣམ་པ་ཤེས་ཏེ། དེ་ལ་མངོན་བར་ཆགས་པ་མེད་དོ། །​འདུ་ཤེས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​འདུ་བྱེད་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​རྣམ་པར་ཤེས་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​མྱིག་གི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​རྣ་བའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​སྣའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​ལྕེའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​ལུས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​ཡིད་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​གཟུགས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​སྒྲའི་རྣམ་པ་ཤེས་ཏེ། དེ་ལ་མགོན་པར་ཆགས་པ་མྱེད་དོ། །​དྲིའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​རོའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​རེག་གི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​ཆོས་ཀྱི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​མྱིག་གི་རྣམ་པར་ཤེས་པའི་རྣམ་པ་ཤེས་ཏེ། དེ་ལ་མངོན་པར་ཆགས་པ་མྱེད་དོ། །​རྣ་བའི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10563#UT22084-014-001-10563