Degé Kangyur volume 17, F.166.a

གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་སོ། །​བཅོམ་ལྡན་འདས་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་མ་ལགས་སོ། །​བཅོམ་ལྡན་འདས་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས་ཏེ། དེ་ལྟར་ན་དྲན་པ་ཉེ་བར་གཞག་པ་རྣམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དྲན་པ་ཉེ་བར་གཞག་པ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་དྲན་པ་ཉེ་བར་གཞག་པ་རྣམས་མ་ལགས་སོ། །​བཅོམ་ལྡན་འདས་ཡང་དག་པར་སྤོང་བ་རྣམས་ཀྱི་བགྲིབ་པ་གང་ལགས་པ་དེ་ནི་ཡང་དག་པར་སྤོང་བ་རྣམས་མ་ལགས་ཏེ། དེ་ལྟར་ན་ཡང་དག་པར་སྤོང་བ་རྣམས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཡང་དག་པར་སྤོང་བ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ཡང་དག་པར་སྤོང་བ་རྣམས་མ་ལགས་སོ། །​བཅོམ་ལྡན་འདས་རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་རྫུ་འཕྲུལ་གྱི་རྐང་པ་རྣམས་མ་ལགས་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10555#UT22084-014-001-10555