Degé Kangyur volume 17, F.159.a

ཤེས་པའི་འགྲིབ་པ་གང་ལགས་པ་དེ་ནི་ལྕེའི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་ལྕེའི་རྣམ་པར་ཤེས་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལྕེའི་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་ལྕེའི་རྣམ་པར་ཤེས་པ་མ་ལགས་སོ། །​བཅོམ་ལྡན་འདས་ལུས་ཀྱི་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་ནི་ལུས་ཀྱི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་ལུས་ཀྱི་རྣམ་པར་ཤེས་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལུས་ཀྱི་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་ལུས་ཀྱི་རྣམ་པར་ཤེས་པ་མ་ལགས་སོ། །​བཅོམ་ལྡན་འདས་ཡིད་ཀྱི་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཡིད་ཀྱི་རྣམ་པར་ཤེས་པའི་འགྲིབ་པ་གང་ལགས་པ་དེ་ཡིད་ཀྱི་རྣམ་པར་ཤེས་པ་མ་ལགས་སོ། །​བཅོམ་ལྡན་འདས་མྱིག་གི་འདུས་ཏེ་རེག་པའི་འགྲིབ་པ་གང་ལགས་པ་དེ་ནི་མྱིག་གི་འདུས་ཏེ་རེག་པ་མ་ལགས་ཏེ། དེ་ལྟར་ན་མྱིག་གི་འདུས་ཏེ་རེག་པ་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱིག་གི་འདུས་ཏེ་རེག་པའི་འགྲིབ་པ་གང་ལགས་པ་དེ་མྱིག་གི་འདུས་ཏེ་རེག་པ་མ་ལགས་སོ། །​བཅོམ་ལྡན་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10541#UT22084-014-001-10541