Degé Kangyur volume 17, F.155.a

གཤེགས་པའི་སྟོབས་རྣམས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དེ་བཞིན་གཤེགས་པའི་སྟོབས་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ། དེ་བཞིན་གཤེགས་པའི་སྟོབས་རྣམས་མ་ལགས་སོ། །​བཅོམ་ལྡན་འདས་མྱི་འཇིགས་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་མྱི་འཇིགས་པ་རྣམས་མ་ལགས་ཏེ། དེ་ལྟར་ན་མྱི་འཇིགས་པ་རྣམས་དང་། མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱི་འཇིགས་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་མྱི་འཇིགས་པ་རྣམས་མ་ལགས་སོ། །​བཅོམ་ལྡན་འདས་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ། སོ་སོ་ཡང་དག་པར་རིག་པ་རྣམས་མ་ལགས་ཏེ། དེ་ལྟར་ན་སོ་སོ་ཡང་དག་པར་རིག་པ་རྣམས་དང་། མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་སོ་སོ་ཡང་དག་པར་རིག་པ་རྣམས་མ་ལགས་སོ། །​བཅོམ་ལྡན་འདས་བྱམས་པ་ཆེན་པོའི་མ་སྐྱེས་པ་གང་ལགས་པ་དེ་བྱམས་པ་ཆེན་པོ་མ་ལགས་ཏེ། དེ་ལྟར་ན་བྱམས་པ་ཆེན་པོ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་བྱམས་པ་ཆེན་པོའི་མ་སྐྱེས་པ་གང་ལགས་པ་དེ་བྱམས་པ་ཆེན་པོ་མ་ལགས་སོ། །



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10533#UT22084-014-001-10533