Degé Kangyur volume 14, F.135.a

རོ། །​ཐམས་ཅད་ཤེས་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​ལམ་གྱི་རྣམ་པ་ཤེས་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མེད་ཅེས་བྱ་བར་མི་སྦྱོར་རོ། །​རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མཚན་མ་ཡོད་ཅེས་བྱ་བ་འམ་མཚན་མ་མེད་ཅེས་བྱ་བར་མི་སྦྱོར་རོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་ཞེས་བྱའོ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​ཚོར་བ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​འདུ་ཤེས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​འདུ་བྱེད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​རྣམ་པར་ཤེས་པ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​མིག་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​རྣ་བ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​སྣ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​ལྕེ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​ལུས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​ཡིད་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​གཟུགས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​སྒྲ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​དྲི་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​རོ་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​རེག་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​ཆོས་སྨོན་པ་ཡོད་ཅེས་བྱ་བ་འམ་སྨོན་པ་མེད་ཅེས་བྱ་བར་མི་སྦྱོར་རོ། །​མིག་གི་རྣམ་པར་ཤེས་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-6135#UT22084-014-001-6135