Degé Kangyur volume 17, F.151.b

པ་དེ་ཐོག་མ་དང་ཐ་མ་མྱེད་པ་སྟོང་པ་ཉིད་མ་ལགས་སོ། །​བཅོམ་ལྡན་འདས་དོར་བ་མེད་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དོར་བ་མྱེད་པ་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་དོར་བ་མྱེད་པ་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དོར་བ་མྱེད་པ་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དོར་བ་མྱེད་པ་སྟོང་པ་ཉིད་མ་ལགས་སོ། །​བཅོམ་ལྡན་འདས་རང་བཞིན་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རང་བཞིན་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་རང་བཞིན་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རང་བཞིན་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རང་བཞིན་སྟོང་པ་ཉིད་མ་ལགས་སོ། །​བཅོམ་ལྡན་འདས་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆོས་ཐམས་ཅད་སྟོང་པ་ཉིད་མ་ལགས་སོ། །​བཅོམ་ལྡན་འདས་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་རང་གི་མཚན་ཉིད་སྟོང་པ་ཉིད་མ་ལགས་ཏེ། དེ་ལྟར་ན་རང་གི་མཚན་ཉིད་སྟོང་པ་ཉིད་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10526#UT22084-014-001-10526