Degé Kangyur volume 17, F.149.a

འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་པ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ལེན་པའི་མ་སྐྱེས་པ་གང་ལགས་པ་དེ་ལེན་པ་མ་ལགས་སོ། །​བཅོམ་ལྡན་འདས་སྲིད་པའི་མ་སྐྱེས་པ་གང་ལགས་པ་དེ་སྲིད་པ་མ་ལགས་ཏེ། དེ་ལྟར་ན་སྲིད་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྲིད་པའི་མ་སྐྱེས་པ་གང་ལགས་པ་དེ་སྲིད་པ་མ་ལགས་སོ། །​བཅོམ་ལྡན་འདས་སྐྱེ་བའི་མ་སྐྱེས་པ་གང་ལགས་པ་དེ་སྐྱེ་བ་མ་ལགས་ཏེ། དེ་ལྟར་ན་སྐྱེ་བ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྐྱེ་བའི་མ་སྐྱེས་པ་གང་ལགས་པ་དེ་སྐྱེ་བ་མ་ལགས་སོ། །​བཅོམ་ལྡན་འདས་རྒ་ཤིའི་མ་སྐྱེས་པ་གང་ལགས་པ་དེ་རྒ་ཤི་མ་ལགས་ཏེ། དེ་ལྟར་ན་རྒ་ཤི་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རྒ་ཤིའི་མ་སྐྱེས་པ་གང་ལགས་པ་དེ་རྒ་ཤི་མ་ལགས་སོ། །​བཅོམ་ལྡན་འདས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ལགས་པ་དེ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ལགས་ཏེ། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མ་སྐྱེས་པ་གང་ལགས་པ་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10521#UT22084-014-001-10521