Degé Kangyur volume 17, F.144.b

སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་དྲིའི་མ་སྐྱེས་པ་གང་ལགས་པ་དེ་དྲི་མ་ལགས་སོ། །​བཅོམ་ལྡན་འདས་རོའི་མ་སྐྱེས་པ་གང་ལགས་པ་དེ་རོ་མ་ལགས་ཏེ། དེ་ལྟར་ན་རོ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། །​བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རོའི་མ་སྐྱེས་པ་གང་ལགས་པ་དེ་རོ་མ་ལགས་སོ། །​བཅོམ་ལྡན་འདས་རེག་གི་མ་སྐྱེས་པ་གང་ལགས་པ་དེ་རེག་མ་ལགས་ཏེ། །​དེ་ལྟར་ན་རེག་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་རེག་གི་མ་སྐྱེས་པ་གང་ལགས་པ་དེ་རེག་མ་ལགས་སོ། །​བཅོམ་ལྡན་འདས་ཆོས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆོས་མ་ལགས་ཏེ། དེ་ལྟར་ན་ཆོས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། །​བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་ཆོས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་ཆོས་མ་ལགས་སོ། །​བཅོམ་ལྡན་འདས་མྱིག་གི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་ལགས་པ་དེ་མྱིག་གི་རྣམ་པར་ཤེས་པ་མ་ལགས་ཏེ། དེ་ལྟར་ན་མྱིག་གི་རྣམ་པར་ཤེས་པ་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་སོ། །​དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་དེ་ནི་འདི་ལྟར་མ་སྐྱེས་པ་ནི་གཅིག་མ་ལགས་གཉིས་མ་ལགས་མང་བ་མ་ལགས་ཐ་དད་པ་མ་ལགས་ཏེ། དེའི་སླད་དུ་མྱིག་གི་རྣམ་པར་ཤེས་པའི་མ་སྐྱེས་པ་གང་



The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8.html?part=UT22084-014-001-10512#UT22084-014-001-10512